ཁ་བ་མི་གཅིག་ཁ་ཁ།

ཁ་བ་འབབ་ལུགས་གཅིག་ལ།

འབབ་ས་མི་ཡུལ་སྡུག་རེད།

ཁ་བ་དཀར་ལུགས་གཅིག་ལ།

མཐོང་ལུགས་མིག་ལ་འབྲུ་རེད།

ཁ་བ་གཡོགས་ལུགས་གཅིག་ལ།

གཡོགས་ས་མི་ཡུལ་ཐོག་རེད།

ཁ་བ་ལབ་ལུགས་གཅིག་ལ།

ལབ་རྒྱུ་མི་ཡི་སྐད་རེད། 

ཁ་བ་མི་གཅིག་ཁ་ཁ།

འབབ་ས་མི་ཡུལ་ས་རེད།

འབབ་ལུགས་རྒྱ་མདའ་ཁྲ་ཁྲ།

འབབ་རྒྱུ་གནམ་ལྕག་ཐོག་རེད།

ཁ་བ་མི་གཅིག་ཁ་ཁ། 

བཞུར་ན་མིག་གི་ཆུ་རེད།

བཞག་ན་ལུས་ཀྱི་ཟུག་རེད།

བསམ་ན་སེམས་ཀྱི་སྡུག་རེད། 

ཕ་བཟང་བུ་ནས།